Tibetan


རྟགས་གྲུབ

བགྲང་བྱ་དུ་མའི་རིང་ལ
ངས་ལྕགས་ཀྱི་ཐོ་བ་ཞིག་དམ་དུ་བཟུང་ནས
རང་སེམས་ཀྱི་མཐའ་ནས་བསྐོར་བའི་གྱང་ར་ཞིག་བཤིག
གྱང་ར་བརྡིབས་ཏེ་ཁ་ཆག་སྣ་རལ་དུ་གྱུར་བའི་སྐབས་དེར
ངའི་ཁྲ་ཆུང་མིག་གིས་མཐོང་བ་ནི
གྱང་ར་ནང་དུ་བཀག་བསྐྱིལ་བྱས་པའི་སེམས་ཅན་ཉམ་ཐག་དེ་དག་ཀྱང
ཐོ་བ་འཛིན་བའི་སྲོག་ཆགས་དེ་དང་ཁྱད་པར་ཅི་ཡང་མི་འདུག

—Ian Boyden

རས་པ·སྐལ་བཟང་ཚེ་རིང་གིས་བསྒྱུར

Translator: Repa Kelzang Tsering)